རྒྱལ་ཡོངས་བློ་རིག་རྒྱུ་དངོས་ཀྱི་སྲིད་བྱུས་༢༠༡༨ ཅན་མ་འགོ་འབྱེད་མཛད་ཡོདཔ།

སྤྱི་ཚེས་༢༣/༠༣/༢༠༡༨ ལུ་ བསྟན་རྒྱས་ལྷན་ཁག་འོག་གི་ བློ་རིག་རྒྱུ་དངོས་ལས་ཁུངས་ཀྱིས་འགོ་འདྲེན་ཐོག་ལུ་ རྒྱལ་ཡོངས་བློ་རིག་རྒྱུ་དངོས་ཀྱི་སྲིད་བྱུས་༢༠༡༨ ཅནམ་འདི་ བསྟན་རྒྱས་ལྷན་ཁག་གི་ མི་རྗེ་བསྟན་རྒྱས་བློན་པོ་མཆོག་གིས་ འགོ་འབྱེད་མཛད་གནང་ཡོདཔ། རྒྱལ་ཡོངས་བློ་རིག་རྒྱུ་དངོས་ཀྱི་སྲིད་བྱུས་༢༠༡༨ཅན་མ་འདི་ཡང་ སྤྱི་ཚེས་༡༣/༠༢/༢༠༡༨ ལུ་ ཚོགས་པའི་ ལྷན་རྒྱས་གཞུང་ཚོགས་ཐེངས་༡༥༡ པའི་སྐབས་ལུ་ ཆ་འཇོག་འབད་ཡོདཔ་ཨིན་མས། ༼ཁ་གསལ་གྱི་དོན་ལུ་ འདི་ཁར་ ཨེབ་གནང་༽

རྒྱ་གར་གཞུང་གི༌ གློག་ཤུགས་དྲུང་ཆེན་གྱི་འབྲུག་ལུ་གཟིགས་སྐོར།

སྤྱི་ཚེས་༢༤-༢༧/༠༢/༢༠༡༨ ཚུན་ རྒྱ་གར་གཞུང་གི་ གློག་ཤུགས་ལྷན་ཁག་གི་ དྲུང་ཆེན་གྱི་གཙོས་པའི་ གཞན་ཆེ་མཐོའི་འགོ་དཔོན་ཚུ་ འབྲུག་རྒྱལ་ཁབ་ནང་འབྱོན་ནུག། འབྲུག་རྒྱལ་ཁབ་ནང་བཞུགས་པའི་རིང་ལུ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༡ དང་༢ ལུ་གཟིགས་སྐོར་གནང་ཡོདཔ་མ་ཚད་ ཆུ་ཁ་གློག་མེ་ཅ་ཁྲལ་བསྐྱར་ཞིབ་ལུ་ཡང་ བཚན་རྟགས་ཚུ་ བཀོད་ཡོདཔ་ཨིན་མས། ༼ཁ་གསལ་གྱི་དོན་ལུ་ འདི་ཁར་ ཨེབ་གནང་༽

ཕྱིར་ཚོང་རྐྱབ་མི་ཚུ་ལུ་ སྦྱོང་བརྡར།

ཚོང་འབྲེལ་ལས་ཁུངས་ཀྱི་འགོ་འདྲེན་ཐོག་ལུ་ སྤྱི་ཚེས་༧-༨/༠༢/༢༠༡༨ ཚུན་ ཉིན་གྲངས་༢ གི་རིང་ལུ་ ས་གནས་ དགེ་ལེགས་ཕུག་ལུ་དང་ སྤྱི་ཚེས་༡༢-༡༣/༠༢/༢༠༡༨ ཚུན་ ས་གནས་ཕུན་ཚོགས་གླིང་ལུ་སྦེ་ ཕྱིར་ཚོང་འཐབ་མི་ཚུ་ལུ་ སེམས་ཤུགས་བསྐྱེད་བཅུག་ནི་གི་དོན་ལུ་ ཕྱིར་ཚོང་དང་འབྲེལ་བའི་ སྲིད་བྱུས་དང་ འཆར་གཞི་ ལམ་ལུགས་ ཚོང་འབྲེལ་གན་ཡིག་ ཕྱིར་ཚོང་བྱ་བའི་གནོད་སྤྱོད་ ལམ་སྟོན་ཚུ་ལུ་ སྦྱོང་བརྡར་ཅིག་འགོ་འདྲེན་འཐབ་ཡོདཔ་ཨིན་མས། Read More

འབྲུག་གློག་ཤུགས་ལམ་ལུགས་འགོ་འདྲེན་ཚོགས་ཆུང་གཞི་བཙུགས་འབད་ཡོདཔ།

སྤྱི་ཚེས་༠༩/༠༢/༢༠༡༨ ལུ་ བསྟན་རྒྱས་ལྷན་ཁག་འོག་གི་ ཆུར་བརྟེན་གློག་ཤུགས་ལས་ཁུངས་ཀྱི་འགོ་འདྲེན་ཐོག་ལུ་ འབྲུག་གློག་ཤུགས་ལམ་ལུགས་འགོ་འདྲེན་ཚོགས་ཆུང་ གཞི་བཙུགས་འབད་ཡོདཔ། ཚོགས་ཆུང་གཞི་བཙུགས་འབད་དགོ་མི་དེ་ཡང་ གློག་ཤུགས་ལས་སྡེ་ཚུ་གིས་ གློག་ཤུགས་བཀྲམ་སྤེལ་དང་ ལག་ལེན་ཚུ་ འཇོན་ཐངས་ཅན་སྦེ་འགོ་འདྲེན་འཐབ་ནི་དོན་ལུ་གཞི་བཙུག་འབད་ཡོདཔ་ཨིན་མས། ༼ཁ་གསལ་གྱི་དོན་ལུ་ འདི་ཁར་ ཨེབ་གནང་༽  

ཕབ་ཆག་མེད་པའི་མེ་རླུང་རྒྱ་ཛི་འགོ་བཙུགས་ཡོདཔ།

སྤྱི་ཚེས་༠༩/༠༢/༢༠༡༨ ལུ་ བསྟན་རྒྱས་ལྷན་ཁག་གི་ མི་རྗེ་བསྟན་རྒྱས་བློན་པོ་མཆོག་གིས་ ས་གནས་ མུ་ཏི་ཐང་ ས་སྣུམ་མཛོད་ཁང་ལུ་སྦེ་ ཕབ་ཆག་མེད་པའི་མེ་རླུང་རྒྱ་ཛི་དེ་ སྒོ་འབྱེད་མཛད་གནང་ཡོདཔ། དེ་སྦེ་སྒོ་འབྱོད་འབད་དགོ་མི་དེ་ཡང་ ཕབ་ཆག་ཡོད་པའི་མེ་རླུང་རྒྱ་ཛི་ལུ་ ལྷན་ཐབས་འབད་དེ་ ཕབ་ཆག་ཡོད་པའི་རེ་རླུང་ཚུ་ གྲོང་གསོབ་ཚུ་ལས་ཕར་བཀྲམ་སྤེལ་འབད་ནི་དོན་ལུ་ཨིན་མས། ༼ཁ་གསལ་གྱི་དོན་ལུ་ འདི་ཁར་ ཨེབ་གནང་༽

གཞི་རྟེན་རྩིས་ཁྲ་ རྩིས་བཀོད་ གོང་ཚད་ དང ཚོང་བསྒྲགས་ཚུ་གི་སྐོར་སྦྱོང་བརྡར་བྱིན་ཡོདཔ།

སྤྱི་ཚེས་༢༢/༠༡/༢༠༡༨ ལུ་ བསྟན་རྒྱས་ལྷན་ཁག་འོག་གི་ བཟོ་གྲྭ་ཆུང་བ་དང་ནང་བཟོའི་ལས་ཁུངས་ཀྱི་འགོ་འདྲེན་ཐོག་ལུ་ ས་གནས་མོང་སྒར་ལུ་སྦེ་ ཤར་ཕྱོགས་རྫོང་ཁག་༦ ལས་ བཟོ་གྲྭ་ཆུང་བ་དང་ནང་བཟོའི་ཚོང་དཔོན་ མི་གྲངས་༤༦ ལུ་ གཞི་རྟེན་རྩིས་ཁྲ་དང་ རྩིས་བཀོད་ གོང་ཚད་དེ་ལས་ ཚོང་བསྒྲགས་ཚུ་གི་སྐོར་ སྦྱོང་བརྡར་ཅིག་འགོ་འདྲེན་འཐབ་ཡོདཔ། ༼ཁ་གསལ་གྱི་དོན་ལུ་ འདི་ཁར་ ཨེབ་གནང་༽

འབྲུག་དང་བང་ལ་དེཤ་གི་དཔལ་འབྱོར་སྐོར་ དྲུང་ཆེན་གནས་ཚད་ཀྱི་ཞལ་འཛོམས་ཐེངས་༦ པ་དེ་ ས་གནས་ བང་ལ་དེཤ་ལུ་སྦེ་འགོ་འདྲེན་འཐབ་ནུག

སྤྱི་ཚེས་༢༡-༢༢/༡༢/༢༠༡༧ ཚུན་ འབྲུག་གཞུང་དང་ བང་ལ་དེཤ་རྒྱལ་ཁབ་གཉིས་ཀྱི་བར་ནང་ འབྲུག་དང་བང་ལ་དེཤ་གི་དཔལ་འབྱོར་སྐོར་ དྲུང་ཆེན་གནས་ཚད་ཀྱི་ཞལ་འཛོམས་ཐེངས་༦ པ་དེ་ ས་གནས་་བང་ལ་དེཤ་ལུ་སྦེ་འགོ་འདྲེན་འཐབ་ནུག ཞལ་འཛོམས་ཀྱི་སྐབས་ལུ་ བང་ལ་དུཤ་རྒྱལ་ཁབ་ལས་ དཔལ་འབྱོར་ལྷན་ཁག་གི་ དྲུང་ཆེན་ མི་རྗེ་སུ་བྷ་ཤིས་དང་ འབྲུག་གཞུང་ལས་ བསྟན་རྒྱས་ལྷན་ཁག་གི་ དྲགོས་དྲུང་ཆེན་ ཡེ་ཤེས་དབང་འདུས་ཀྱི་དབུ་བཞུགས་མཛད་གནང་ནུག དེ་སྦེ་ འགོ་འདྲེན་འཐབ་དགོ་མི་དེ་ཡང་ རྒྱལ་ཁབ་གཉིས་ཀྱི་བར་ནའི་ Read More

འཕྲུལ་རིག་གསར་བཏོད་རྒྱབ་སྐྱོར་ལྟེ་བ་གཞི་བཙུགས་དང་ བློ་རིག་རྒྱུ་དངོས་ཀྱི་ཀུན་ཁྱབ་གོ་བརྡའི་ལས་རིམ།

བསྟན་རྒྱས་ལྷན་ཁག་ བློ་རིག་རྒྱུ་དངོས་ལས་ཁུངས་ཀྱི་འགོ་དཔོན་ཚུ་གིས་ ཕུན་ཚོགས་གླིང་ ཚན་རིག་དང་འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་ དང་ བདེ་བ་ཐང་ འཇིགས་མེད་རྣམ་རྒྱལ་བཟོ་རིག་སྦྱོང་བརྡར་སྤེལ་ཁང་ཚུ་ནང་ འཕྲུལ་རིག་གསར་བཏོད་རྒྱབ་སྐྱོར་ལྟེ་བ་གཞི་བཙུགས་དང་ བློ་རིག་རྒྱུ་དངོས་ཀྱི་ཀུན་ཁྱབ་གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་ནུག དེ་སྦེ་འགོ་འདྲེན་འཐབ་དགོ་མི་འདི་ཡང་ འཕྲུལ་རིག་གསར་བཏོད་རྒྱབ་སྐྱོར་ལྟེ་བ་གི་ མ་འོངས་དང་ལེན་འཆར་གཞི་ཚུ་ གྲོས་བསྟུན་འབད་ནི་གི་དོན་ལུ་ཨིན། ༼ཁ་གསལ་གྱི་དོན་ལུ་ འདི་ཁར་ ཨེབ་གནང་༽

རྒྱལ་གཞུང་གཟེངས་བསྟོད་ཀྱི་ལས་རིམ་༢༠༡༧།

  སྤྱི་ཚེས་༡༣/༡༢/༢༠༡༧ ལུ་ བསྟན་རྒྱས་ལྷན་ཁག་གི་ དྲགོས་དྲུང་ཆེན་མཆོག་གིས་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གསེར་ཁྲི་རྩ་བ་ལས་གནང་མི་ རྟགས་མ་དང་ལག་འཁྱེར་ཚུ་ ལྷན་ཁག་གི་ ཞི་གཡོགཔ་༦༨ ལུ་ གནང་ཡོདཔ་ཨིན། ལས་རིམ་འདི་ནང་ དྲགོས་དྲུང་ཆེན་མཆོག་གིས་གསུངས་མི་ནང་ མི་དབང་མངའ་བདག་རིན་པོ་ཆེ་གིས་ རྟགས་མ་དང་ལག་འཁྱེར་དེ་སྦེ་གནང་མི་དེ་  ཞི་གཡོགཔ་ཚུ་གིས་ གཞུང་རྩ་བ་གསུམ་ལུ་ ཕྱགལེགས་ཤོམ་སྦེ་ཞུ་བའི་ དགའ་ཚོར་དང་བཅས་གནངམ་མ་ཚད་ Read More

གནས་ཚུལ་གསར་བཏོན།

སྤྱི་ཚེས་༡༠-༡༣/༡༢/༢༠༡༧ ཚུན་ བསྟན་རྒྱས་ལྷན་ཁག་གི་ མི་རྗེ་བསྟན་རྒྱས་བློན་པོ་མཆོག་གི་གཙོས་པའི་ རྒྱལ་ཡོངས་ཚོགས་་འདུའི་ ཆེ་མཐོའི་འགོ་དཔོན་དང་ བསྟན་རྒྱས་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ ས་གནས་ཨར་ཇེན་ཊི་ན་ལུ་ འཛམ་གླིང་ཚོང་འབྲེལ་ཚོགས་སྡེ་གི་ལྷན་འཛོམས་ཐེངས་༡༡ པ་ཚོགས་གནང་ས་ལུ་ བཅའ་མར་གཏོགས་གནང་དོ་ཡོདཔ་ཨིན། དེ་ཡང་ ང་བཅས་རའི་རྒྱལ་ཁབ་འདི་ ལྟ་རྟོག་པའི་རྒྱལ་ཁབ་སྦེ་ཚུད་དེ་ཡོདཔ་ལས་ འཛམ་གླིང་ཚོང་འབྲེལ་ཚོགས་སྡེའི་ དྲུང་ཆེན་ཡིག་ཚང་གིས་སྦེ་ བཅའ་མར་གཏོགས་ནིའི་དོན་ལུ་ གདན་འདྲེན་ཞུ་ཡོདཔ་ཨིན་མས། འཛམ་གླིང་ཚོང་འབྲེལ་ཚོགས་སྡེ་གི་ལྷན་འཛོམས་ཐེངས་༡༡ Read More