ཀོ་རོ་ན་བའི་རཱསི་ཟེར་མི་ ནད་འབུབ་འདི་ཁྱབ་སྤེལ་འགྱོ་ཡོད་པའི་གསལ་བསྒྲགས།

ལམ་འགྲུལ་པ་ཚུའི་དོན་ལུ་གྲོས་སྟོན། ༉     ཀོ་རོ་ན་བའི་རཱསི་ ཟེར་མི་ནད་འབུབ་དེ་ རྒྱ་ནག་གི་མངའ་སྡེ་ འུ་ཧཱན་ལུ་འགོ་ཐོག་ཐོན་ཡོད་པའི་ཤུལ་ལས་ ད་རེས་ཀྱི་སྤྱི་ཚེས་ ༣༠/༠༡/༢༠༢༠ ཚུན་གྱི་བར་ན་ རྒྱལ་ཁབ་གཞན་ སི་རི་ལང་ཀ། ཝེཊ་ནམ། ཐའི་ལེན་དང་ ནེ་པཱལ་ཚུ་བརྩིས་ཏེ་ རྒྱལ་ཁབ་ཡོངས་བསྡོམས་བཅོ་ལྔའི་ནང་ ནད་གཞི་འདི་གྱིས་ཁྱབ་ཡོད་པའི་སྙན་ཞུ་འདུག དེ་འབདཝ་ལས་ གསོ་བའི་ལྷན་ཁག་གི་ཁ་ཐུག་ལས་ ནད་གཞི་བཀག་འཛིན་གྱི་དམངས་བསྒྲགས་མ་འབདཝ་ཚུན་ Read More