སྤྱི་ཚེས་༠༣-༠༦/༡༡/༢༠༡༧ ལུ་ བསྟན་རྒྱས་ལྷན་ཁག་ ཚོང་འབྲེལ་ལས་ཁུངས་ཀྱི་ ས་གནས་ཐིམ་ཕུག་ ཨར་ཡ་ཟ་ཁང་ནང་སྦེ་ འཛམ་གླིང་གཅིག་འགྱུར་དང་ ཕྱོགས་མང་ཚོང་བསྒྱུར་ལམ་ལུགས་ཀྱི་ རྒྱལ་ཡོངས་གོ་བསྡུར་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་ནུག དེ་སྦེ་འགོ་འདྲེན་འཐབ་དགོ་མི་དེ་ཡང་ ཡར་རྒྱས་འགྱོ་བའི་བསྒང་སྦེ་མི་ རྒྱལ་ཁབ་ཚུ་ལུ་ འཛམ་གླིང་གཅིག་བསྒྱུར་གྱི་བྱ་སྒོའི་ལམ་ལུགས་དེ་གིས་ ག་དེམ་ཅིག་ཕན་ཐོགཔ་ཨིན་ན་དང་ འཛམ་གླིང་གཅིག་འགྱུར་ལམ་ལུགས་ནང་ལུ་ ཕྱོགས་མང་ཚོང་བསྒྱུར་ལམ་ལུགས་དེ་ ག་དེམ་ཅིག་ཁག་ཆེཝ་ཨིན་ན་ ཤེས་ཚུགས་ནི་གི་དོན་ལུ་ འགོ་འདྲེན་འཐབ་ནུག
འཛམ་གླིང་གཅིག་འགྱུར་དང་ ཕྱོགས་མང་ཚོང་བསྒྱུར་ལམ་ལུགས་ཀྱི་ རྒྱལ་ཡོངས་གོ་བསྡུར་ཞལ་འཛོམས།
