སྤྱི་ཚེས་༠༩-༡༡/༡༠/༢༠༡༧ ལུ་ བསྟན་རྒྱས་ལྷན་ཁག་ བློ་རིག་རྒྱུ་དངོས་ལས་ཁུངས་ཀྱི་འགོ་དཔོན་ཚུ་གིས་ བཀྲིས་གཡང་རྩེ་བཟོ་རིག་བཅུ་གསུམ་སྦྱོང་བརྡར་སྤེལ་ཁང་དང་ བཀྲིས་སྒང་ རང་འབྱུང་འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་གི་ ལས་བྱེདཔ་དང་སྦྱོང་བརྡར་པ་ཚུ་ལུ་ བློ་རིག་རྒྱུ་དངོས་ཀྱི་སྐོར་ གཞི་རྟེན་གོ་བརྡའི་ལས་རིམ་ཅིག་ གོ་འདྲེན་འཐབ་ཡོདཔ། དེ་སྦེ་ འགོ་འདྲེན་འཐབ་དགོ་མི་འདི་ཡང་ བློ་རིག་རྒྱུ་དངོས་དབང་ཆ་དང་ འབྲུག་གི་ བཟོ་གྲྭའི་རྒྱུ་དངོས་བཅའ་ཁྲིམས་དང་ འདྲ་བཤུས་དབང་ཆའི་བཅའ་ཁྲིམས་ཚུ་ ལེགས་ཤོས་སྦེ་ཧ་དོ་ཚུགསཔ་བཟོ་ནི་གི་དོན་ལུ་ འགོ་འདྲེན་འཐབ་ནུག
བཀྲིས་སྒང་དང་ བཀྲིས་གཡང་རྩེ་ལུ་ བློ་རིག་རྒྱུ་དངོས་ཀྱི་ཀུན་ཁྱབ་གོ་བརྡའི་ལས་རིམ།
