སྤྱི་ཚེས་༠༣-༠༦/༡༡/༢༠༡༧ ལུ་ བསྟན་རྒྱས་ལྷན་ཁག་ བཟོ་གྲྭ་ཚུང་བ་དང་ནང་བཟོའི་ལས་ཁུངས་ཀྱི་ བསམ་རྩེ་རྫོང་ཁག་ ས་གནས་སྒོམ་ཀྲུ་དང་ རྡོ་རོ་ཁ་ལུ་ ཚོང་ལས་ཀུན་ཁྱབ་གོ་བརྡའི་ལས་རིམ་ཅིག་ འགོ་འདྲེན་འཐབ་ནུག དེ་སྦེ་འགོ་འདྲེན་འཐབ་དགོ་མི་དེ་ཡང་ རྒྱལ་ཁབ་ནང་འཁོད་ཀྱི་ བཟོ་གྲྭ་དང་ཚོང་ལཱ་ཆུང་ཀུ་རྐྱབ་མི་དང་ ས་གནས་ཀྱི་དབང་འཛིན་ཚུ་གིས་ ཚོང་ལཱ་གི་ཆོག་ཐམ་ལམ་ལུག་དང་ བཅའ་ཡིག་དང་སྒྲིག་གཞི་ དེ་ལས་ རྒྱབ་སྐྱོར་གྱི་ཞབས་ཏོག་ཚུ་ ག་དེ་སྦེ་རང་ཡོདཔ་ཨིན་ན་ ཤེས་ཚུགས་ནི་གི་དོན་ལུ་ འགོ་འདྲེན་འཐབ་ནུག
༼ཁ་གསལ་གྱི་དོན་ལུ་ འདི་ཁར་ ཨེབ་གནང་༽