ཚོང་ལས་ཀུན་ཁྱབ་གོ་བསྡུར་ཞལ་འཛོམས།
སྤྱི་ཚེས་༡༩/༡༡/༢༠༡༧ ལས་༡/༡༢/༢༠༡༧ ཚུན་ བསྟན་རྒྱས་ལྷན་ཁག་འོག་གི་ བཟོ་གྲྭ་ཆུང་བ་དང་ནང་བཟོའི་ལས་ཁུངས་ཀྱི་ གོ་འདྲེན་ཐོག་ རྒྱལ་ཁབ་ནང་འཁོད་ཀྱི་ འོས་འབབ་ཅན་གྱི་ཚོང་དཔོན་ཚུ་ལུ་ བཟོ་གྲྭ་ཆུང་བ་དང་ནང་བཟོ་ཚོང་ལས་གོང་འཕེལ་གྱི་དོན་ལུ་ གོ་བསྡུར་ཞལ་འཛོམས་ཅིག་གོ་འདྲེན་འཐབ་ཡོདཔ། གོ་བསྡུར་ཞལ་འཛོམས་དེ་ཡང་ ན་གཞོན་ལཱ་གཡོག་མེད་མི་དང་ འཕྲུལ་རིག་སྦྱོང་བརྡ་སྤེལ་ཁང་གི་ ལོ་ངོ་༣ པའི་ སྦྱོང་བརྡར་པ་ཚུ་ལུ་བྱིན་ཡོདཔ་ཨིན། ༼ཁ་གསལ་གྱི་དོན་ལུ་ འདི་ཁར་ ཨེབ་གནང་༽